甘肃省中医药重点藏医特色外治专科简介
甘南州藏医医院藏医特色外治专科现有藏医主任医师1名,副主任医师2名,主治医师1名,住院医师1名。
藏医特色外治专科作为省级重点专科,在近年的发展历程中,不断探索与挖掘传统藏医学特有的各种外治疗法,现已发展成为我院特色重点科室,周边慕名而来的群众络绎不绝。
《四部医典》中记载了18种经典的传统疗法,目前特色外治科开展的有缚浴、普尼、铁烙、火灸、放血、霍麦、能秀、拔罐、排瘀、盐敷、癒瘚、豆粉全身涂擦(膳秀)等特色疗法,在临床中疗效显著。其中拥有悠久历史的清脉泄疗技术是藏医学一门独立的治疗方法。泄疗有排泄病源之意,在《四部医典》中将其分为经肠道泄法和脉泄法两种,是通过内服藏药排除病原的一种特殊治疗手段。清脉泄疗法是治愈顽疾的一大法宝,对肝癌早期、中风偏瘫、顽固性皮肤病、帕金森、食物中毒、中风后遗症、痛风、风湿病、子宫肌瘤等难治性疾病疗效尤为显著。
其中藏医脉泄疗法是最为复杂且有一定风险的诊疗方法,对医师的专业技能和临床经验要求极高。它主要根据血液循环与尿液生成的生理条件,针对病源积渣引起的痨疾,用特制的药剂和精确的方法使病源渣垢经尿路排除体外而起效。
藏医特色外治专科在建设过程中,将原来单一的静脉放血疗法、癒瘚疗法不断改进,力求将科室打造为藏医全套外治功能服务的综合性外治专科。今后,科室将立足于新的起点,不断进步、持续提高,以创新促发展,巩固和深化创新成果,努力把外治专科打造成环境舒适优美、人才结构合理、服务优质高效、专科特色突显的省级重点专科。

༄༅།།དཔྱད་བཅོས་གཙོ་གནད་ཆེད་བཅོས་ཚན་ཁག་ངོ་སྤྲོད།
ཀན་ལྷོ་ཁུལ་སྨན་རྩིས་ཁང་གི་དཔྱད་བཅོས་གཙོ་གནད་ཆེད་བཅོས་ཚན་ཁག་ནི་༢༠༠༦ལོར་དངོས་སུ་གཞི་ཚུགས། ད་ལྟ་སྨན་པ་འབུམ་རམས་པ་གཅིག་དང་། སྨན་པ་འབུམ་གཞོན་པ་གཉིས། སྨན་པ་རབ་འབྱམས་པ་གཅིག་གིས་གྲུབ་པའི་སྡེ་ཁག་ ཅིག་ཡིན།
ངེད་སྡེ་ཁག་གིས་བོད་ལུགས་གསོ་རིག་གི་དཔལ་ལྡན་ཕྱི་མ་རྒྱུད་ཀྱི་ལག་ལེན་བཅོ་བརྒྱད་ལས་གཏར་བསྲེག་དུགས་ལུམས་བྱུགས་པ་དང་ཐུར་མ། གཞན་ཡང་ཟངས་བུམ་དང་སྤྲ་ལྡན་གསེར་ཁབ། བདུག་པ། རྟེན་འབྲེལ་གྱི་མེ་བཙའ། རྭ་འཇིབ། ཧོར་མེ། ཚིགས་ཆེན་ལ་འབྱར་དང་རྩ་དཀར་ལ་སྣུམ་འཆོས། འབྲུ་སྣའི་མགོ་ལུམས་དང་རྫ་མའི་འཕྲུལ་འཁོར། དེབ་ཆིངས་རྒྱོགས་གསུམ། དཔལ་ལྡན་དབྱུག་བཅོས། མིག་གི་རྒྱལ་མོ་ཆུ་འབྱེད་སོགས་དཔྱད་བཅོས་ཀྱི་ཕྱག་ལེན་རྣམས་ནད་ཐོག་སྟེང་དངོས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད།
ལྷག་པར་ཏུ་་རྩ་སྦྱོང་དང་ལྟོ་སྦྱོང་། མགོ་སྦྱོང་། སྣ་སྦྱོང་། འབུ་སྦྱོང་།ཚིགས་བཤལ་སོགས་དྲག་འཇམ་གཉིས་ཀྱི་སྦྱོང་གི་ཕྱག་ལེན་རྣམས་ཚུལ་བཞིན་ལག་ལེན་དུ་བསྟར་བཞིན་ཡོད།ངེད་དཔྱད་བཅོས་སྡེ་ཁག་གི་ནད་སྡོད་ཁང་དུ་བོད་ལུགས་གསོ་རིག་གི་ཞི་སྦྱོང་སྨན་དང་འཇམ་རྩུབ་དཔྱད་ཀྱི་ཕྱག་ལེན་ཁོ་ནར་བརྟེན་ནས་སྨན་བཅོས་བྱེད་བཞིན་ཡོད་པར་མ་ཟད། དེ་ལྟར་སྨན་བཅོས་བྱས་པའི་བརྒྱུད་རིམ་ཁྲོད་མཆིན་ནད་དུག་ཐབས་དང་མཆིན་པའི་ཟགས་ཆུ། མཆིན་པའི་འབྲས་སྐྲན། ཀླད་གཟེར། རླུང་ནད་རྩ་འཛིན། ཁྲག་རླུང་སྟོད་འཚངས ། བརྗེད་བྱེད་དང་གཉིད་ཡེར། མོ་ནད་ཁྲག་ཚབས་དང་རླུང་ཚབས། དྲེག་དང་གྲུམ་བུ། ཤ་བཀྲ། རུས་ལྷག་དང་རུས་གཅོང་གི་ནད། མཁལ་འགྲམས་བྱེར་རྒྱས་ལྷུང་གསུམ། གཞོགས་ཕྱེད་སྐམ་པ་སོགས་བཅོས་བརྡུགས་ནད་རིགས་སྣ་ཚོགས་ལ་ཚན་ཁག་གི་སྨན་པ་ཡོངས་ཀྱིས་ཧུར་ཐག་གིས་གསོ་བཅོས་བྱས་པ་བརྒྱུད། དྲག་སྐྱེད་དང་སངས་དྲག་བྱུང་ནས་འགྲོ་བ་ནད་པར་ཕན་པ་མི་དམན་པ་ཐོན་བཞིན་ཡོད་དོ།།