护理部组织结构

拉毛草 护理部主任
完德措 药浴一科护士长 道吉吉 药浴二科护士长 王青 外科护士长 贾佩涛 特色外治护士长 徐卓玛 内科护士长
医院护理部基本简介
甘南州藏医医院护理部承担着医院5个护理单元的临床护理管理工作。护理部设有护理部主任1名,科护士长5名。建立了完善的管理体制和严格的管理制度,在分管护理副院长的领导下,实行“护理部主任--科护士长—护理组长”三级管理体系,护理部下设护理质量管理委员会及五个护理质控小组,负责全院护理质控工作。制定并完成我院护理质量的检查、跟踪、反馈改进的管理职能,每年接受甘南州护理质控中心的质量检查,按质控要求完成各项考评。我院现有护理人员34人,其中高级职称6人,本科及以上人员占全院护士总数的40%,为保证护理质量、培养护理人才、提升护理科研水平奠定了坚实基础。
在护理教学方面,护理部承担着甘南州卫生学校、甘肃省卫生职业学院、武威职业学院等院校的护理临床教学工作,进修护士培训、新护士培养等任务,每年接收各层次进修护士。加强对外交流,学习更多先进的技术与藏医药特色文化是甘南州藏医医院护理人员一直秉承的理念,护理部与西藏自治区藏医院、青海省藏医院建立了友好往来与合作关系,每年选派护理骨干赴国内先进医院培训学习。
护理部制定我院护理事业发展的愿景是:团结协助、真诚关爱、提高藏医护理素养、打造优质护理团队。我院护理部以创建‘三甲’医院为契机,开展责任制及整体优质护理服务,真正的做到了将护士时间还给了患者,拉近了护患关系,使患者真正享受到了专业护理服务,无论从技术技能,常规知识,服务态度等方面都有很大的提高。
ནད་སྐྱོང་དཔུང་སྡེའི་མཚམས་སྦྱོར་མདོར་བསྡུས།
ཀན་ལྷོ་ཁུལ་སྨན་རྩིས་ཁང་ནད་སྐྱོང་པུའུ་ཡིས་ཞག་སྡོད་ནད་སྐྱོང་ཚོ་ཆུང་ལྔའི་ནད་ཐོག་སྨན་བཅོས་ཀྱི་ནད་སྐྱོང་ལས་རིགས་དང་དོ་དམ་སོགས་ཀྱི་ལས་འགན་གཙོ་བོར་སྒྲུབ་བཞིན་ཡོད། ནད་སྐྱོངཔུའུ་ནི་ནད་སྐྱོང་སྤྱི་དཔོན་གཅིག་དང་ནད་སྐྱོང་འགོ་འཛིན་པ་ལྔ་བཅས་བསྡོམས་པས་མི་དྲུག་གིས་གྲུབ།
ནད་སྐྱོང་པུའུ་ཡིས་འཐུས་སྒོ་ཚང་བའི་དོ་དམ་སྒྲིག་སྲོལ་ལམ་ལུགས་གཏན་འབེབས་དང་རིམ་གསུམ་དོ་དམ་བྱེད་ཐབས་ལག་བསྟར་བྱས་ཏེ། ནད་སྐྱོང་སྤུས་ཚད་དོ་དམ་ཨུ་ཡོན་ལྷན་ཚོགས་དང་ནད་སྐྱོང་སྤུས་ཚད་ཚོད་འཛིན་ཚོ་ཆུང་ལྔ་བཙུགས་ནས་སྨན་ཁང་སྤྱིའི་ནད་སྐྱོང་བྱ་བའི་སྤུས་ཚད་ཞིབ་བཤེར་དང་རྗེས་འདེད་རྩད་གཅོད།ལག་བསྟར་སྐུལ་འདེད་བཅས་ནད་སྐྱོང་སྤུས་ཚད་ལེགས་བསྒྱུར་སོགས་དོ་དམ་ལམ་ལུགས་ཚད་ལྡན་ཅན་དུ་འགྱུར་བར་གསོ་སྐྱོང་དང་མཛུབ་སྟོན། སྣེ་ཁྲིད་བཅས་བྱེད་བཞིན་ཡོད།
ལོ་ངོ་འདི་དག་ལ་སྨན་ཁང་གི་དབུ་ཁྲིད་རྣམ་པའི་རྒྱབ་སྐྱོར་འོག་ནད་སྐྱོང་མི་སྣ་རེས་མོས་སུ་བོད་ལྗོངས་སྨན་རྩིས་ཁང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ང་། ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་སོགས་ཞིང་ཆེན་ཕྱི་ནང་གི་སྨན་ཁང་ཆེ་གྲས་སུ་ཟབ་སྦྱོང་ལ་མངགས་པ་སོགས་ཀྱི་འབྲས་བུ་ལས། ད་སྐབས་སྨན་རྩིས་ཁང་ཡོངས་ལ་ནད་སྐྱོང་མི་༣༤ཡོད་པ་དང་དེའི་ནང་མཐོ་རིམ་གོ་མིང་ཐོབ་པའི་ནད་སྐྱོང་བ༦ཡོད་ལ། དངོས་གཞི་དང་དེའི་ཡན་གྱི་མི་སྣས་སྨན་ཁང་ཡོངས་ཀྱི་ནད་སྐྱོང་བའི་བསྡོམས་འབོར་གྱི་40%ཟིན་པས། ནད་སྐྱོང་སྤུས་ཚད་དོ་དམ་དང་ནད་སྐྱོང་འཇོན་མི་གསོ་སྐྱོང་། ནད་སྐྱོང་ཚན་ཞིབ་ཀྱི་ལས་གཞི་སྒྲུབ་པ་བཅས་ལ་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་པོ་ཆགས་ཡོད།
ངེད་ནད་སྐྱོང་པུའུ་ཡིས་ཀན་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་དང་ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་ལས་རིགས་སློབ་གླིང།ཝུའུ་ཝུའེ་ལས་རིགས་སློབ་གླིང་སོགས་ཀྱི་ནད་སྐྱོང་དངོས་སྦྱོང་སློབ་ཁྲིད་དང་ བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་ནད་སྐྱོང་ལག་རྩལ་བསྔོགས་འདོན་དང་གསར་སྤེལ། ལག་བསྟར་བྱེད་པ་བཅས་ནད་སྐྱོང་ལས་རིགས་གསར་སྤེལ་དང་ནད་སྐྱོང་འཇོན་མི་གསོ་སྦྱོང་སོགས་ཀྱི་ལས་དོན་སྣ་ཚོགས་སྒྲུབ་མུས་སུ་མཆིས།ནད་སྐྱོང་པུའུ་ཡིས་མུ་མཐུད་ནས་བོད་ལུགས་གསོ་བ་རིག་པའི་ཁྱད་ཆོས་ལྡན་ཞིང་ནད་སྐྱོང་སྤུས་ཚད་ཚད་ལྡན་ཅན་དུ་གཏོང་བར་ཤུགས་སྣན། ཞབས་ཞུའི་རྣམ་འགྱུར་ལེགས་ཤིང་ཆེད་ལས་ལག་རྩལ་ལ་བྱང་ཆ་ལྡན་པའི་ནད་སྐྱོང་དཔུང་སྡེ་ཞིག་ཆགས་པར་བརྩོན་ལེན་དང་། རྒྱ་ཆེའི་གསོ་བྱར་སྔར་ལས་ལྷག་པའི་ནད་གཞི་གསོ་བཅོས་དང་བདེ་ཐང་མཛུབ་སྟོན་སོགས་ཞབས་ཞུའི་ལས་རིགས་སྣ་ཚོགས་སྤེལ་ཐུབ་པར་ཡིད་ཆེས་ཀྱིས་བརྟས་ཡོད།
高级护理人员
道吉吉 副主任护师
道吉吉,副主任护师,药浴中心护士长;毕业于兰州大学,本科学历。1999年参加工作,先后赴青海省藏医院、汕头市国际眼科中心、四川甘孜州人民医院、甘南州人民医院等多家医院进修学习。在25年临床护理工作中,经过了内科、眼科、风湿病专科的临床锻炼,积累了丰富的临床护理经验。期间发表省级论文两篇,参加省级课题一项,并荣获甘肃省优秀先进个人及甘南州优秀护士、院内优秀护士等称号。
擅长风湿病专科护理、眼科常规护理及常见病多发病的护理等。
རྡོ་རྗེ་སྐྱིད། ནད་སྐྱོང་འབུམ་གཞོན་པ།
༡༩༩༩ལོར་ན་ཀྲུའུ་སློབ་ཆེན་ནས་དངོས་གཞིའི་སློབ་མཐར་ཕྱིན་ཏེ་ལས་ཞུགས་བྱས།སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་དང་ཀྰང་ཀྲུའུ་ཞིང་ཆེན་ཧྲན་ཐུའུ་གྲོང་ཁྱེར་རྒྱལ་སྤྱིའི་མིག་ནད་གཙོ་བཅོས་སྨན་ཁང་། ཟི་ཁྲིན་ཞིང་ཆེན་དཀར་མཛེས་ཁུལ་མི་དམངས་སྨན་ཁང་། ཀན་ལྷོ་ཁུལ་མི་དམངས་སྨན་ཁང་སོགས་སུ་ནད་ཐོག་ཟབ་སྦྱོང་ཐེངས་མང་བྱས། ད་ལྟ་སྨན་ལུམས་ཚན་ཁག་གི་ནད་སྐྱོང་ཚན་པའི་འགོ་ཁྲིད་ཀྱི་ལས་འགན་ཁུར་ཡོད། ད་ལྟའི་བར་ནད་སྐྱོང་སྨན་པའི་ལས་ཀ་གཉེར་ནས་ལོ་ངོ་ཉེར་ལྔ་ཕྱིན་ཅིང་།
ལས་ཞོར་དུ་ཞིང་ཆེན་རིམ་པའི་དུས་དེབ་སྟེང་ཆེད་ལས་དཔྱད་རྩོམ་གཉིས་ཙམ་སྤེལ་ཞིང་། ཞིང་ཆེན་རིམ་པའི་ཚན་ཞིབ་ལས་གཞི་གཅིག་ལ་ཞུགས། སྔ་གཞུག་ཏུ་ཞིང་ཆེན་དང་ཁུལ།སྨན་ཁང་རིམ་པའི་ཕུལ་བྱུང་ནད་གཡོག་གི་མཚན་སྙན་ཐེངས་དུ་མར་ཐོབ།
ནད་་ཐོག་ལག་ལེན་ཁྲོད་སྨན་ལུམས་དང་དྲེག་གྲུམ། མིག་ནད་སོགས་ཀྱིས་གཙོས་པའི་རྒྱུན་མཐོང་ནད་རིགས་སྣ་ཚོགས་ཀྱི་ནད་སྐྱོང་གསོ་བཅོས་ཐད་འཇོན་ཐང་ཆེན་པོ་ལྡན་ནོ།།

草代 副主任护师
草代,副主任护师,本科学历。先后在甘南州人民医院、青海省藏医院、西藏自治区藏医院等进修学习护理专业及特色护理。从事临床护理工作25年,积累了丰富的临床护理经验。为我院护理事业做出了应有的贡献。 曾多次获得州级及本单位优秀“护士先进工作者”荣誉称号。并在省级期刊发表论文数篇。
由于精湛的护理技术和优质的护理服务,得到了广大患者的一致好评。擅长药浴风湿预防保健、健康教育指导护理。
འཚོ་ཏེ། འབུམ་གཞོན་ནད་སྐྱོང་བ།
ལན་ཀྲུའུ་སློབ་ཆེན་གྱི་དངོས་གཞིའི་འཛིན་གྲྭ་ནས་སློབ་མཐར་ཕྱིན། ད་བར་དུ་ནད་སྐྱོང་ལས་ཀ་གཉེར་ནས་ལོ་ཉེར་ལྔ་འགོར་ཡོད། སྔ་གཞུག་ཏུ་ཁུལ་མི་དམངས་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། བོད་ལྗོངས་སྨན་རྩིས་ཁང་བཅས་སུ་སོང་ནས་ནད་སྐྱོང་ཆེད་ལས་སློབ་སྦྱོང་བྱས། ཁུལ་རིམ་པའི་སྔོན་ཐོན་ནད་སྐྱོང་མི་སྣའི་བྱ་དགའ་ཐོབ། ཞིང་ཆེན་རིམ་པའི་རིག་གཞུང་དུས་དེབ་སྟེང་དཔྱད་རྩོམ་མང་དུ་སྤེལ་མྱོང་།
ད་ལྟ་གཙོ་བོ་བདུད་རྩི་ལྔ་ལུམས་ཀྱི་བཅོས་ཐབས་དང་ནད་རིགས་སྔོན་འགོག སྤྱི་བའི་འཕྲོད་བསྟེན་གྱི་ནད་སྐྱོང་ཤེས་བྱ་སོགས་ལ་འབད་པ་བྱེད་བཞིན་ཡོད།

仁青草 副主任护师
仁青草,副主任护师,妇产科护理专业,大专学历,毕业于甘肃省中医药大学。先后赴甘肃省妇幼保健院、西藏自治区藏医院等医院进修学习。从事临床护理工作期间荣获甘肃省优秀护士、甘南州优秀护士以及院内优秀护士等称号。
擅长各种内科疾病的护理要点和注意事项,能够科学有效地进行护理操作。熟练掌握常见病多发病的常规护理流程,能够迅速应对各种突发情况,确保患者的安全与健康。
རིན་ཆེན་མཚོ། འབུམ་གཞོན་ནད་སྐྱོང་བ།
ཀན་སུའུ་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་བུ་བཙའི་ནད་སྐྱོང་ཆེད་སྦྱོང་ཚན་ཁག་ནས་སློབ་མཐར་ཕྱིན་ཅིང་།དེ་སྔོན་ཀན་སུའུ་ཞིང་ཆེན་མ་བུ་བདེ་སྲུང་ཁང་དང་བོད་ལྗོངས་རང་སྐྱོང་ལྗོངས་སྨན་རྩིས་ཁང་སོགས་སུ་གསབ་སྦྱོང་བྱས་ལ།ད་བར་དུ་ནད་སྐྱོང་བའི་ནད་ཐོག་ལས་ཀ་གཉེར་ནས་མི་ལོ་སུམ་ཅུར་ཉེ། སྔ་རྗེས་སུ་ཞིང་ཆེན་དང་ཁུལ།སྨན་ཁང་རིམ་པའི་སྔོན་ཐོན་ནད་སྐྱོང་བའི་གཟེངས་བསྟོད་གང་མང་ཐོབ།
ནད་ཐོག་ལག་ལེན་ཁྲོད་ཁོང་ནད་ཚན་ཁག་གི་ནད་རིགས་སྤྱི་དང་བུ་ བཙའི་ནད་སྐྱོང་བྱ་བར་བྱང་ཆ་ཆེན་པོ་ལྡན་ནོ།།

罗调红 副主任护师
罗调红,本科学历,毕业于甘肃省中医院大学,专业妇产科护理,先后赴甘肃省第二人民医院,甘肃省中医院等医院进修。
擅长外科各种疾病的护理,熟练掌握常见病多发病的常规护理流程。