尕藏久美

2023-12-22 2371

a02ae83f072babfd1029152ff19e32f5.jpg

尕藏久美     藏医主任医师   

      胃病专科专家,男,藏族,1965年生,先后毕业于甘南卫生学校藏医药专业,甘肃中医药大学藏医学院,1988年参加工作,甘肃省名中医,藏医主任医师。

       第四批全国名老藏医药专家学术经验继指导老师图布旦主任医师学术经验继承人,全国名老藏医药专家慈智木教授传承工作室学术经验主要传承人,国家级重点专科胃病专科学科带头人,省级重点专科藏医外治专科、国家级藏医药治未病专科创建人。

      兼任:中国民族医药学会民族医药分会副主任委员、甘肃省中医药学会内科、脾胃病专业委员会常务委员、甘肃省中医药学会肝病专业委员会常务委员、甘南州藏医药学会常务理事、甘南州十五届政协委员。

      科研成果:主持或参与国家科技部、国家中医药管理局科研项目4项,省级科研项目6项,成果专著4部《四部医典诠辩》、《藏医药典籍精选》、《慈智木教授藏药验方集锦》、《名老藏医专家临证经验精粹》;先后在各级各类刊物上发表学术论文20余篇。

      获奖情况:先后荣获市、州、省、国家级民族医药工作表现先进个人、全省优秀医师称号,政协甘南藏族自治州第十五届委员会被评为“优秀委员”等荣誉称号。

       擅长诊治:各类急慢性肠胃炎、胃溃疡、萎缩性胃炎、浅表性胃炎、胃癌、肝炎、肝硬化、肝癌、胆囊炎、胆结石、胆囊息肉;支气管炎、哮喘;习惯性便秘;各种妇科及各类风湿骨病等疑难杂症的诊治积累了丰富的临床经验。


སྐལ་བཟང་འཇིགས་མེད།   སྨན་པ་འབུམ་རམས་པ།

     ༡༩༨༨ལོར་ཀན་སུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་ནས་སློབ་མཐར་ཕྱིན། དེ་སྔ་ཁོང་ནད་ཚན་ཁག་དང་ཐ་མལ་ནད་མེད་ཚན་ཁག སྒོ་བསྟེན་ཁང་སོགས་ཀྱི་འགོ་གཙོ་དང་། རྒྱལ་ཁབ་རིམ་པའི་ཕོ་ནད་ཆེད་བཅོས་ཚན་ཁག་དང་ཐ་མལ་ནད་མེད་ཚན་ཁག་གི་རིག་ཚན་སྣེ་ཁྲིད་པ། མཁས་དབང་ཆེན་མོ་ཐུབ་བསྟན་རྣམ་རྒྱལ་མཆོག་དང་སློབ་དཔོན་ཆེན་མོ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གཉིས་ཀྱི་རྒྱལ་ཁབ་རིམ་པའི་རིག་གཞུང་ཉམས་མྱོང་རྒྱུད་འཛིན་པ་སོགས་ཀྱི་ལས་འགན་ཁུར་མྱོང་།

   སྔ་གཞུག་ཏུ་རྒྱལ་ཁབ་དང་ཞིང་ཆེན་ཁུལ་རིམ་པའི་ལས་གཞིའི་རྣམ་གྲངས་དུ་མ་བསྒྲུབས་ཡོད་པ་མ་ཟད། རྒྱུད་བཞིའི་མཐའ་དཔྱོད་དང་ནད་རིགས་བརྟག་བཅོས་མན་ངག་དགོས་བ་ཀུན་འབྱུང་། གསོ་རིག་མཁས་དབང་ཚུལ་ཁྲིམས་རྒྱ་མཚོའི་རྒྱུན་སྤྱོད་སྨན་སྦྱོར་དྭངས་གསལ་བདུད་རྩིའི་ཐིགས་ཕྲེང་སོགས་བོད་ཀྱི་གསོ་རིག་བརྩམས་ཆོས་པོད་ཁ་ཤས་རྩོམ་སྒྲིག་བྱས།

  ངོ་ལོ་སོ་དྲུག་གི་ནད་ཐོག་ལས་ཀའི་འབད་བརྩོན་ཁྲོད།ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཕུལ་བྱུང་ཨུ་ཡོན་དང་ཀན་སུའུ་ཞིང་ཆེན་གྱི་ཕུལ་བྱུང་སྨན་པ་སོགས་ཀྱིས་མཚོན་པའི་རྒྱལ་ཁབ་དང་ཞིང་ཆེན། ཁུལ་རིམ་པའི་བྱ་དགའ་ཉི་ཤུ་ལྷག་ཐོབ་མྱོང་བར་མ་ཟད། ༢༠༢༣ལོར་ཀན་སུའུ་ཆེན་གྱི་ཀྲུང་ལུགས་སྨན་པ་མིང་གྲགས་ཅན་ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ།

    ནད་ཐོག་ཏུ་ཕོ་བ་དང་རྒྱུ་མའི་ནད། མཆིན་མཁྲིས་ནད།ཀླད་སྙིང་ཁྲག་རྩའི་ནད།དྲེག་དང་གྲུམ་བུའི་ནད།པགས་ནད།མོ་ནད་བཅས་ཀྱི་བརྟག་བཅོས་དང་ནད་མེདཚེ་བསྲིང་།བདེ་ཐང་དྲིལ་བསྒྲགས་སོགས་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་ནོ།

 



附件下载:

尕藏久美.doc