
贡去乎扎西,藏医副主任医师
毕业于甘肃省中医药大学藏医学院,本科学历。从事内科临床工作27年,甘南州藏医药学会理事,院内胃病专科、脑病专科继承人,甘肃省五级中医药师承教育工作继承人,先后在西藏自治区藏医院、甘肃省第二人民医院、甘肃省中医药大学附属医院等院校进修学习。至今在各类专业学术期刊发表论文十余篇,2015年获甘肃省“万名医师”支农优秀奖。
擅长胃肠、肝胆、心脑血管系等内科常见病的诊治。
དཀོན་མཆོག་བཀྲ་ཤིས། སྨན་པ་འབུམ་གཞོན་པ།
༡༩༩༨ལོར་ཀན་སུའུ་ཀྲུང་ལུགས་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་ནས་དངོས་གཞི་སློབ་མཐར་ཕྱིན། ཀན་ལྷོ་ཁུལ་སྨན་རྩིས་ཁང་གི་ཁོང་ནད་ཚན་ཁག་ཏུ་ནད་ཐོག་ལས་ཀ་གཉེར་ནས་མི་ལོ་༢༦ཕྱིན་ཡོད། ད་ལྟ་ཕོ་བའི་ནད་དང་ཀླད་སྙིང་ཆེད་བཅོས་ཚན་ཁག་གི་རྒྱུད་འཛིན་པ་དང་ཀན་སུའུ་ཞིང་ཆེན་རིམ་ལྔའི་ཀྲུང་ལུགས་གསོ་རིག་གི་སློབ་གསོའི་རྒྱུད་འཛིན་པ་བཅས་ཡིན།
སྔ་གཞུག་ཏུ་བོད་ལྗོངས་སྨན་རྩིས་ཁང་དང་ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པ།ཀན་སུའུ་ཀྲུང་ལུགས་སློབ་ཆེན་གྱི་ཟུར་གཏོགས་སྨན་ཁང་སོགས་སུ་ནད་ཐོག་ཟབ་སྦྱོང་ཐེངས་མང་བྱས་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རིག་གཞུང་དུས་དེབ་སྟེང་ཆེད་ལས་དཔྱད་རྩོམ་བཅུ་ལྷག་སྤེལ། ༢༠༡༥ལོར་ཀན་སུའུ་ཞིང་ཆེན་གྱི་ཞིང་གྲོང་རོགས་སྐྱོར་སྨན་བཅོས་སྨན་པའི་ཕུལ་བྱུང་བྱ་དགའ་ཐོབ།
ལོ་ངོ་ཉི་ཤུ་ལྷག་གི་རིང་དུ་ཁོང་ནད་ཚན་ཁག་གི་ནད་གཞི་གསོ་བཅོས་ཀྱི་ཉམས་མྱོང་བསྡུ་ལེན་བྱས་ཏེ། ཕོ་རྒྱུ་དང་མཆིན་མཁྲིས་ནད་གཞི། ཀླད་སྙིང་ཁྲག་རྩའི་ནད་གཞི་གཙོ་བྱས་པའི་རྒྱུན་མཐོང་ཁོང་ནད་རིགས་ལ་བརྟག་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་ནོ།།