༄༅།།མོ་ནད་ཚན་ཁག་ངོ་སྤྲོད།
མོ་ནད་ཚན་ཁག་ནི་སྨན་ཁང་གིས་ལོ་མང་རིང་ཆེད་དུ་གསོ་སྐྱོང་གནང་བར་བརྟེན། ཚན་ཁག་གི་དཔུང་སྡེའི་སྟོབས་ཤུགས་ཆེ་རུ་ཕྱིན་ཏེ། ད་ཆ་བོད་ཕྱི་གསོ་རིག་ཟུང་འབྲེལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་སྔོན་ཐོན་བརྟག་བཅོས་སྒྲིག་ཆསཆ་ཚང་བར་མ་ཟད། མོ་ནད་དང་འབྲེལ་བའི་ནད་རིགས་སྣ་ཚོགས་སྔོན་འགོག སློབ་ད། གསོ་སྦྱོང་བཅས་གཞི་གཅིག་ཏུ་སྤེལ་བའི་ནད་ཐོག་སྨན་བཅོས་ཚན་ཁག་གལ་ཆེན་ཞིག་ཏུ་གྱུར་ཡོད། ཚན་ཁགའདིར་ནད་ཐོག་སྨན་པ༦ཡོདཅིང་།དེའི་ཁྲོད་སྨན་པ་འབུམ་གཞོན་པ༤དང་སྨན་པ་དཀའ་བཅུ་བ༢ཡོད། ཚན་ཁག་གིས་ཉེས་གསུམ་འཕེལ་ཟད་འཁྲུགས་གསུམ་གྱི་ངོ་བོ་གཞིར་བཟུང་ཏེ།བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་ལྡན་པའི་སྨན་དཔྱད་ལག་ལེན་སྣ་ཚོགས་ལ་བརྟེན་ནས་མངལ་སྲིན་དང་ཤ་སྐྲན་བེམ་པོ། ཚབས་སྐྲན་ཆུ་བུར་ཅན། ནུ་ཚབས། བུ་མི་འཁོར་བའི་ནད། མཚང་ཁོག་གཉན་ཚད། ཟླ་མཚནམི་སྙོམས་པ། གསང་ལམ་གཉན་ཚད། བསམ་སེའུ་གཉན་ཚད་སོགས་གཙོ་བྱས་པའི་ནད་གཞི་སྣ་ཚོགས་ལ་གསོ་བཅོས་ཀྱི་ཕན་འབྲས་མངོན་གསལ་ཐོན་བཞིན་ཡོད།
