甘肃省甘南州藏医医院急诊科室简介
急诊科创立于2023年8月14,科室内设有急诊门诊、抢救室、留观病房、急诊换药室。急诊区现有输液座位,可开展各类大小清创蓬合、换药、拆线、腱鞘囊肿切除术、粉瘤切除术和藏医特色的各种传统疗法。现有在职医护人员11名,其中藏医副主任医师3名,藏医主治医师2名,西医主管护师6名。
2023年8月正式接纳院前急救工作。"尊重生命"是本科室的服务理念,"有急必到、有危必救、有伤必医、有求必应"是服务理念。为了能更好的服务于患者,近几年来先后多次派遣科室人员参加区内外应急、急救培训,针对性地提高急诊科急需的诊疗技术水平,计划性地定期组织医护人员及实习生集中学习医学知识技能。
为了逐步提高诊疗技术水平,改善疗效,逐步缩短与西医大型医院急救综合水平差距,急诊科在不断应用藏医急救知识与拥有现代化先进仪器:心电监护仪、除颤仪、洗胃机、洗痰器、心脏复苏机应用、科室里急诊能做辅助检查化验三大常规、心电图、DR放射检查,同时提供24小时日常急救诊疗工作。急诊科各位医护人员严格执行急诊科各项规章制度和技术操作规程,并建立各种危重病员抢救技术操作程序。
急诊科全体医护人员竭诚为急危重症患者提供优质急救和全方位的服务。

༄༅།།ཀན་ལྷོ་ཁུལ་སྨན་རྩིས་ཁང་གི་མྱུར་སྐྱོབ་ཚན་ཁག་ངོ་སྤྲོད་མདོར་བསྡུས།
ངེད་ཀན་ལྷོ་ཁུལ་སྨན་རྩིས་ཁང་གི་མྱུར་སྐྱོབ་ཚན་ཁག་ནི་སྤྱི་ལོ་༢༠༢༣ལོའི་༨པའི་༡༤ཉིན་ཐོག་མའི་སྟ་གོན་གྱི་རིམ་པ་ཡོངས་སུ་འགྲུབ་ཏེ་དངོས་སུ་ལས་འགོ་བརྩམས་པ་ཡིན་ལ། ཚན་ཁག་འདིར་སྨན་པ་འབུམ་གཞོན་པ་གསུམ་དང་རབ་འབྱམས་པ་གཉིས། ཆེད་ལས་ནད་གཡོག་མ་དྲུག་བཅས་ཁྱོན་སྨན་དོན་མི་སྣ་བཅུ་གཅིག་གིས་གྲུབ་ཡོད། ཚན་ཁག་འདིར་Xའཕྲོ་འོད་བརྟག་ཆས་དང་སྙིང་གི་འཕར་འགྲོས་བརྟག་ཆས། ཁྲག་གི་རྒྱུན་སྲོལ་བརྟག་ཆས་སོགས་མྱུར་སྐྱོབ་ཚན་ཁག་གི་བརྟག་བཅོས་ལ་མཁོ་གལ་ཆེ་བའི་རྒྱུན་བཀོལ་རང་བཞིན་གྱི་དེང་རབས་འཕྲུལ་ཆས་རིགས་ཚགས་སུ་ཆུད་ཡོད་པར་མ་ཟད། ཐོ་འགོད་དང་ཡོན་བསྡུ། སྨན་མཛོད་ཁང་། སྨན་བཅོས་འགན་ལེན། གནས་སྐབས་ལྟ་སྐྱོང་། ཕྱི་ལུགས་སྨན་ཁབ་རྒྱག་པ་སོགས་ཞབས་ཞུའི་ལས་རིགས་སྣ་ཚོགས་ཚན་ཁག་གཞན་ལ་མ་བརྟེན་པར་རང་རྐྱ་ཐུབ་པའི་སྒོ་ནས་གཞི་གཅིག་ཏུ་སྤེལ་བཞིན་ཡོད། ངེད་མྱུར་སྐྱོབ་ཚན་ཁག་གིས་རུས་ཆག་དང་ཚིགས་ཤོར། གཤུས་གཤགས་བཅད་པའི་རྨ་རིགས། ཁྲག་ཤོར་སོགས་མཚོན་རྨས་གཙོས་པའི་ནད་རིགས་སྣ་ཚོགས་དང་གཤགས་བཅོས་ཕྲན་བུའི་གསོ་བཅོས། དེ་མིན་མྱུར་གཤིས་རང་བཞིན་གྱི་ཁོང་ནད་རིགས་སོགས་ལ་ཆུ་ཚོད་ཉེར་བཞིའི་རིང་བོད་ཕྱི་གསོ་རིག་ཟུང་འབྲེལ་སྒོས་གསོ་བཅོས་བྱེད་བཞིན་ཡོད།
