诊疗中心

2024-03-22 192

甘南州藏医医院药浴诊疗中心简介

 千百年来,藏药浴疗法不断传承和发展,其疗效显著,深爱广大患者的好评。随着藏药浴疗法被列为世界非物质文化遗产名录,藏药浴疗法得到了主管部门及国家的大力支待,藏药浴疗法已成为藏医医院发展不可缺少的特色优势治疗方法。

  我院藏药浴中心成立于2003年,2008年被确定为省级重点专科,2012年被国家中医药管理局批准为“十二五”国家藏医风湿病专科建设单位。2022年全省中医药“三中心一专科”项目实施时藏药浴中心被分为藏药浴诊疗中心和藏医风湿病专科建设单位。

 科室大部分中青年医师先后到西藏、青海、四川等多地藏医医院拜师学习、掌握藏药浴知识,为传承和发展藏药浴不断努力。

 藏药浴诊疗中心拥有52张床位,医护人员14人,其中正高职称3人,副高3人,护理人员8人,学科带头人1人,学术继承人1名。

藏药浴的发展经过漫长的临床实践,以“五味甘露”为基础药浴药方、临床调配成数十余种系列方剂进行对症治疗。经过多年的临床实践经验我科专家组将“真布”(类风湿性关节炎)、“砸卜”(静脉曲张)、“凯占”(腰椎间盘突出)三种疾病被确定为我科的优势病种,并指定了藏医诊疗标准,藏医药浴是治疗风湿病最安全有效的治疗手段。

藏药浴适用于风湿类疾病如类风湿性关节炎、血清阴性脊柱关节炎、系统性红斑狼疮、骨关节病、痛风及高尿酸血症、腰椎间盘突出症、坐骨神经痛、产后风、静脉曲张、神经衰弱、失眠、荨麻疹、银屑病等各种疾病。

藏药浴可祛风除湿、舒筋通络、活血化瘀、排毒养颜、提高免疫力。

藏药浴诊疗中心充分发挥藏医传统特色外治疗法。藏药浴以药水浴、汽浴、缚浴等治疗为主要手段,积极配合藏医放血、铁洛、角罐疗法、火罐疗法、能秀、火灸、优蕨、霍麦、针刺、火针、针刀、石疗法、藏式手法推拿。特色食疗、盐敷、热炕发汗、药物涂擦疗法等几十种藏医特色疗法以及现代理疗手段,并结合传承多年精心筛选的藏医专科制剂辩证口服,内外合治,形成了规范的纯自然综合疗法模式,该模式针对各类风湿病、寒性肾病、妇科疾患、静脉曲张等患者,采取因人,因病、因年龄、因性别、因病程而异、辨证施治,均有很好的治疗和康复作用,同时得到了广大患者朋友的良好口碑。


ཀན་ལྷོ་ཁུལ་བོད་སྨན་ཁང་སྨན་ལུམས་བརྟག་བཅོས་ལྟེ་གནས།

 ༄༅།།ཀན་ལྷོ་ཁུལ་བོད་སྨན་ཁང་སྨན་ལུམས་ལྟེ་གནས་ནི་སྤྱི་ལོ་༢༠༠༣ལོར་ཡོངས་སུ་ལེགས་གྲུབ་བྱུང་སྟེ་གསོ་བཅོས་ཀྱི་གཞི་ཚུགས། ༢༠༠༨ལོར་སྨན་ལུམས་ལྟེ་གནས་ཏེ་ཞིང་ཆེན་རིམ་པའི་དྲེག་གྲུམ་ཆེད་བརྟག་སྡེ་ཁག་ཏུ་གདམས་ཐོན་བྱུང་བ་དང་། ༢༠༡༢ལོར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ནས་རྒྱལ་ཁབ་རིམ་པའི་བོད་སྨན་དྲེག་གྲུམ་ཆེད་བརྟག་སྡེ་ཁག་གི་འཛུགས་བསྐྲུན་ལས་ཁུངས་སུ་ཆོག་མཆན་ཐོབ། ༢༠༢༢ལོར་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་གི་ཆེད་བརྟག་གཅིག་དང་ལྟེ་གནས་གསུམ་གྱི་ཇུས་གཞི་ལྟར་ལོ་ངོ་བཅོ་བརྒྱད་ལྷག་གི་རྨང་གཞིའི་འཛུགས་སྐྲུན་དང་གསོ་བཅོས་ཉམས་མྱོང་སྟེང་སྔར་ཡོད་ཀྱི་སྨན་ལུམས་ལྟེ་གནས་ཏེ་དྲེག་གྲུམ་ཆེད་བརྟག་ཚན་ཁག་དང་སྨན་ལུམས་བརྟག་བཅོས་ལྟེ་གནས་ཞེས་ཚན་ཁག་གཉིས་སུ་དགར་བ་དང་། སྨན་ལུམས་བརྟག་བཅོས་ལྟེ་གནས་ལ་ད་སྔ་བསྡོམས་པས་མལ་ཁྲི་༥༢ཡོད་པ་དང་། དེའི་ནང་པགས་ནད་ཆེད་སྤྱོད་ཀྱི་མལ་ཁྲི་གཉིས་ཡོད།སྨན་དོན་མི་སྣ་སྡོམ་པས་མི་༡༤ཡོད་པ་དང་། དེའི་ནང་འབུམ་རམས་སྨན་པ་དང་། འབུམ་རམས་པ་གཞོན་པ་། ནད་གཡོགས་སྨན་པ་བཅས་ཡོད། ཚན་ཁག་རིག་གཞུང་སྣེ་ཁྲིད་པ་མི་གཅིག་དང་རིག་གཞུང་རྒྱུད་འཛིན་པ་མི་གཅིག་བཅས་ཡོད།

ལུམས་བཅོས་ལག་ལེན་ནི་རང་བྱུང་ལྷད་མེད་ཀྱི་སྐྱེ་དངོས་སྨན་སྣ་ཤུག་པ། བ་ལི། འཁན་པ། མཚེ། འོམ་བུ་སོགས་བདུད་རྩི་ལྔ་བཙོ་བསྙལ་བྱས་པ་བརྒྱུད།དེ་ལ་ནད་བབ་དང་གཞིགས་ནས་ཁ་ཚར་གྱི་སྨན་སྣ་མང་པོ་བསྡེབས་པའི་སྨན་གྱི་ཁུ་བ་བཏོན་ནས་ཆུ་ལུམས་དང་གདུས་པའི་རླངས་པར་རླངས་ལུམས། བརྔོས་ནས་བཅིངས་ལུམས་བྱེད་པ་སོགས་ཀྱི་ཐབས་ཤེས་སྤྱད་ནས་སྨན་ནུས་བ་སྤུའི་བུ་ག་བརྒྱུད་ནས་སྲོག་ཟུངས་དྲི་མ་གསུམ་རྒྱུ་བའི་བུ་ག་ཕྱི་ནང་ཐམས་ཅད་ལ་ཁྱབ་ཅིང་ནུས་པ་ཐོན་པ་ཞིག་ཡིན་ལ། དེ་མིན་བསྐུ་མཉེ་དང་། གཏར་ག དུགས། བྱུག་པ། སྤྲ་མེ། ཧོར་མེ། ཏེལ་བ། དྲིལ་ཕྱིས། རྭ་འཇིབ། མེ་བུམ། དབྱུག་བཅོས། དཀར་འདོན། དམར་འདོན། མེ་ཐུར། འབྱར་བཅོས། སྐམ་ཁབ་སོགས་གསོ་བྱའི་ནད་གཞིར་གཞིགས་ནས་གང་ལ་དེ་འཚམ་གྱིས་དཔྱད་བཅོས་སྦྲགས་མར་སྤྱོད་པ་དང་། གཙོ་བོ་ཤ་རུས་ཆུ་རྒྱུས་དང་ཚིགས་གཞི་ལ་གནས་བའི་དྲེག་དང་གྲུམ་བུའི་ནད། རྩ་དཀར་གྱི་ནད། རྩ་འབམ་ནད། པགས་ནད་ཆུ་སེར་གྱི་ནད། མོ་ནད་དང་མཁལ་གྲང་། མཁལ་འགྲམས་ནད། རུས་འཛེར་གྱི་ནད་དང་རླུང་ནད་སོགས་ལ་སྨན་བཅོས་བྱེད་པ། ལྷག་པར་དུ་ཚན་ཁག་ཏུ་གྲུམ་བུའི་ནད་དང་། རྩ་འབམ་ནད། མཁལ་འགྲམས་སྨད་ལྷུང་ནད་བཅས་སྡེ་ཁག་ཆེད་མཁས་ལྷན་ཚོགས་ནས་ཕན་ནུས་ཁྱད་ཐོན་ཅན་གྱི་ནད་གཞིར་གདམས་པས་ཕན་བསྐྱེད་ཆེན་པོ་ཐོན་པ་དང་རྒྱ་ཆེའི་མང་ཚོགས་ནས་གདེང་འཇོག་ཆེན་པོ་ཐོབ་དང་ཐོབ་བཞིན་ཡོད

微信图片_20240301100913.jpg 微信图片_20240301101002.jpg