基础理论研究所
从逐年搜集的甘肃拉卜楞寺、四川德格等印经院的以藏医药学为主的上万条函(册)藏文化古籍文献,大力抢救和整理藏医药古籍文献,并在全面抢救和整理的基础上,逐步应用现代信息技术,建立藏医药文献数据库,为摸索、研究和推广藏医药诊治新理论、新技术、新方法提供文献保障。
༄༅།།རྨང་གཞིའི་གཞུང་ལུགས་ཞིབ་འཇུག་ཁང་གི་ངོ་སྤྲོད་མདོར་བསྡུས།
རྨང་གཞིའི་རིག་གཞུང་ཞིབ་འཇུག་ཁང་ནི་ཀན་ལྷོ་ཁུལ་བོད་སྨན་ཞིབ་འཇུག་ཁང་དབུ་བརྙེས་ནས་དུས་ཡུན་མ་འགྱངས་པར་བཙུགས་པའི་ཞིབ་འཇུག་ཚན་ཁག་བཞིའི་ཡ་གྱལ་གྱི་ཚན་ཁག་ཆེ་ཤས་ཤིག་ཡིན་ལ། ཞིབ་འཇུག་ཁང་འདིར་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་ཅིང་ལག་ལེན་གྱི་མྱོང་བ་ཟབ་པའི་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ཡོད་ལ། གོང་དབུ་ཁྲིད་རྣམ་པའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་ཀྱི་ལམ་བུ་གསར་བར་བསྙེགས་ཏེ་འཐུས་ཇེ་ཚང་དུ་བཏང་སྟེ། བོད་ཀྱི་གསོ་རིག་གཞུང་ལུགས་བསྔོགས་འདོན་དང་རྒྱུད་འཛིན། དར་སྤེལ་གྱི་ལས་ལ་ནུས་ཤུགས་གང་ཡོད་འདོན་བཞིན་མཆིས།
ཞིབ་འཇུག་ཁང་འདིས་སྔོན་བྱོན་མཁས་དབང་དག་གི་ལྷག་བསམ་བཟང་པོའི་ཐུགས་བསྐྱེད་དང་དབུ་ཁྲིད་བཟང་པོའི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་རི་བོའི་གཏོས་དང་མཉམ་པའི་གཞུང་རྙིང་མཐོང་ཐོས་དཀོན་པ་མང་པོ་ཉར་ཚགས་གྱ་ནོམ་པ་གནང་ཡོད་པས།རྒྱ་ཆེན་གཞུང་ལ་འཇུག་པའི་དཔྱོད་ལྡན་རྣམས་ལ་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད།
ལྷག་པར་དུ་ངེད་ཞིབ་འཇུག་གླིང་གིས་ད་བར་དུ་བཏོན་དང་འདོན་བཞིན་པའི་བོད་ཀྱི་གསོ་རིག་ཞིབ་འཇུག་ཅེས་པའི་གཞུང་གཉེར་བོད་གསོའི་ཆེད་ལས་དུས་དེབ་དེ་ཉིད།མདོ་སྨད་ཡུལ་དུ་ཆེས་སྔ་ཤས་ཀྱི་བོད་གསོའི་ཞིབ་འཇུག་དུས་དེབ་གཅིག་པུ་དེ་ཡིན་ལ།ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་མཆོག་གིས་ཆེད་དུ་དུས་དེབ་ལ་མཚན་བྱང་བཀོད་པ་སོགས་ཀྱིས་ཞིབ་འཇུག་ཁང་གི་སྔོན་བྱོན་རྒན་རབས་དག་གིས་རིག་གཞུང་ཞིབ་འཇུག་གི་ལས་ལ་འབད་པའི་གྲུབ་འབྲས་ཀྱི་ཟུར་ཙམ་མཚོན་ནུས་སོ།།
དེ་ལས་གཞན་བོད་མདོ་དབུས་ཁམས་གསུམ་ན་སྙན་པའི་གྲགས་པ་འབར་བའི་ངེས་དོན་གྱི་མཁས་པའི་དབང་པོ་མཁན་ཆེན་ཁྲོ་རུ་ཚེ་རྣམ་མཆོག་དང་རྗེ་བཙུན་བསྟན་འཛིན་དོན་གྲུབ་སོགས་གདན་དྲངས་ཏེ། རིན་པོ་ཆེའི་འདུལ་སྦྱོང་སོགས་ལག་ལེན་དམར་ཁྲིད་དང་མན་ངག་གབ་ཕྱུངས་ཀྱིས་གདམས་པ་མང་དུ་བསྩལ་བ་སོགས་རྗེས་འཇུག་མང་པོ་སྐྱེད་བསྲིང་མཛད་ལ།ལྷག་པར་རིག་གཞུང་རྒྱུད་འཛིན་གྱི་ཐུགས་རྗེའི་མཐུ་སྨོན་བཟང་པོས་དབང་ལུང་མན་ངག་གི་ཁྲིད་རྒྱུན་སྤེལ་བའི་གསུང་གསེར་ནག་གི་ཐིགས་པ་སར་མ་ལྷུང་བར་སྒྲ་ཐག་ཏུ་བཅུག་ནས་དུས་ད་ལྟ་ཡང་ངེད་ཞིབ་འཇུག་ཁང་དུ་གཉེར་ཚགས་བགྱིས་ཡོད།
ངེད་ཞིབ་འཇུག་ཁང་གིས་དུས་རབས་ཀྱི་འགྲོས་དང་མཐུན་པར་རྒྱབ་ཁབ་དང་ཞིང་ཆེན་རིམ་པའི་ཚན་རྩལ་ཞིབ་འཇུག་གི་ལས་གཞི་སྣ་ཚོགས་དང་ཆེད་ལས་མི་སྣའི་རྒྱུན་མཐུད་སློབ་གསོ། རྒྱལ་ཡོངས་བོད་སྨན་ཆེད་ལས་སྨན་པའི་ཐོབ་ཐང་རྒྱུགས་བཤེར་ལས་ལག་ལེན་ནུས་རྩལ་རྒྱུགས་བཤེར་སོགས་སྨན་དོན་མི་སྣའི་ཆེད་ལས་གཞུང་ལུགས་ཀྱི་རྨང་གཞི་མཐོར་འདེགས་གཏོང་བའི་ལས་ལ་འབད་བཞིན་ཡོད།